མངའ་རིས་སྒྲ་བརྙན་ལག་ནས་དཀྲོལ་བཞིན།། སྙན་མོ་དབྱངས་རྟ་ངག་ལ་གྱེར་ཏེ།། དབྱངས་ཀྱི་མཆོད་པའི་ཞིང་ལ་ཕེབས་པས།། དབྱངས་རྟ་སྙན་མོ་གླིང་ལ་ཁྱབ་ཤོག། རབ་དཀར་ཀེ་ལ་ཤ་ཡིས་ཡོངས་སུ་བསྐོར་བའི་བསིལ་ལྡན་སྭ་ལའི་སྨན་ལྗོངས་ན་འཚོ་ཞིང་གནས་བའི་བོད་རིགས་སྤུན་ཟླ་རྣམ་པ་ལགས། བློ་མཐུན་ཡུལ་ལྷ་ཐར་གྱིས་མེ་ཏོག་ཆུང་རུང་ལྷ་རྫས་དང་གུར་ཀུམ་ཆུང་རུང་སྨན་རྫས་ཞེས་པའི་དཔེ་ལྟར་ང་ཚོའི་རང་ནུས་ཅི་ལྕོགས་ཀྱིས་བོད་ཀྱི་གཞས་པ་བསམ་ཁོ་གཙོ་བྱས་གླུ་བ་གླུ་མ་འགའ་གདན་ཞུ་བྱས་ཏེ་(དབྱངས་ཀྱི་མཆོད་པ)་ཞེས་པའི་དྲ་ལམ་དགོང་ཚོགས་ཤིག་བསྡུ་རྩིས་ཡོད་པས། དགོང་ཚོགས་འདིར་དྲང་བདེན་དང་འདྲ་མཉམ་ཡོང་ཆེད་ཚོགས་ཞུགས་མི་སྣ་དང་ཉན་མཁན་མི་སྣ་སོགས་ལ་ཁུག་དམར་བསྡུ་རྩིས་མེད། ཆ་རྐྱེན་ལ་དཀྲོལ་ལེན་པའི་སྒྲ་དང་རོལ་མོ་རོགས་རམ་འདེགས་ཅི་ཡང་བཀོལ་མི་ཆོག་ལ་དཀྲོལ་ལེན་རྐྱང་རྐྱང་བྱེད་དགོས་པ་མ་ཟད་སྒྲ་ཕྱིར་འཐེན་མི་ཆོག སྤྱི་ཟླ་གསུམ་པའི་ཚེས་༩ཉིན་གྱི་ཕྱི་དྲོའི་དུས་ཚོས་༤་བར་དུ་དཀྲོལ་ལེན་པ་བཅུ་ཡི་མིང་ཐོ་བསྡུ་ལེན་བྱེད་རྩིས་ཡོད། ཉན་མཁན་དག་ཚོམས་ནང་དུ་ཞུགས་རྗེས་སྒྲིག་གཞི་ལ་བརྩི་སྲུང་བྱེད་དགོས་ལ། གང་འདོད་དུ་པར་ཆུང་དང་སྐད་ཐུང་སོགས་སྐུར་མི་ཆོག་པར་མ་ཟད། བཀོལ་འདོམས་པའི་བཀོད་སྒྲིག་ལ་དོ་སྣང་དང་རྒྱབ་སྐྱོར་བྱེད་དགོས། ཚོགས་དུས་སྤྱི་ཟླ་གསུམ་པའི་ཚེས༩ཉིན་གྱི་དགོང་མོའི་དུས་ཚོད་༨:༣༠སྟེང་དངོས་སུ་འགོ་རྩོམ་རྒྱུ་ཡིན། ཞེས་སྒ་སངས་རྒྱས་མཁས་ནས་བྲིས་སོ། @རྐང་ཨ་སངས།